རྫ་ཆུའི་རླབས་སྒྲ་

དྲ་ཚིགས་འདི་རྫ་ཆུའི་རླབས་སྒྲ་དུས་དེབ་ཀྱིས་བདག་ཏུ་བཟུང་ཡོད།སུ་ཞིག་གིས་དཔར་བདག་གི་ཁྲིམས་དང་འགལ་རིགས་བྱེད་མི་ཆོག།བཟོ་སྐྲུན་པ་ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས།

ཁ་བརྡ།
རྒྱལ་མཆོག།
ཚེ་དབང་ལྷ་མོ་ཟེར་བའི་གླུ་མ་དེ




གླུ་མ་ཚེ་དབང་ལྷ་མོ་ནི་ཉི་མ་རྫ་ཆུ་ཁའི་འཇུ་སྒར་གྲོང་བརྡལ་དུ་སྐྱེས་ཤིང་།    ཁོར་ཡུག་གི་ཤུགས་རྐྱེན་
འོག་ནས་ཁོ་མོ་ཆུང་དུས་གླུ་དབྱངས་དང་ཞབས་བྲོ་སོགས་སྦྱང་སའི་སྒྱུ་རྩལ་ཆེད་སྦྱོང་གི་སློབ་གླིང་གང་
ལ་དངོས་ཞུགས་ཀྱི་སྐལ་བ་མ་ལྡན།འོན་ཀྱང་ཁོ་མོས་རྫོང་མི་རིགས་སློབ་འབྲིང་དང་། དཀར་མཛེས་
མི་རིགས་དགེ་འོས་སློབ་གྲྭ།  ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དཔའ་འབྱོར་དོ་དམ་སློབ་གླིང་བཅས་
སུ་སྔ་ཕྱིར་ཞུགས་པའི་གོ་རིམ་ཁྲོད།  ཁོ་མོ་རང་ཉིད་ཀྱི་འབད་བརྩོན་རྐྱང་བར་བརྟེན་ནས་དེང་རབས་
གླུ་དབྱངས་ཆེ་ལེན་གྱི་ལམ་བུར་ཞུགས།ཁོ་མོ་བོད་ཀྱི་འབྲོག་མོ་ཕལ་བ་ཞིག་ནས་རྒྱལ་སྤྱིའི་རང་བཞིན་
གྱི་གདེང་འཇོག་ཐོབ་པའི་གླུ་མ་ཞིག་ཏུ་གྱུར་བའི་གོ་རིམ་དེ་ནི་ཇི་འདྲའི་འོད་སྟོང་ལྡན་པའི་བཞུད་
ལམ་ཞིག་རེད་ཨང་།  2000ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་གསུམ་པའི་ཁམས་
པའི་སྒྱུ་རྩལ་དུས་ཆེན་སྟེང་ཁོ་མོ་རྒྱན་གོས་འཕྲབ་སྟོན་ལ་ཞུགས་ནས་བྱེད་གཟུགས་ལེགས་པའི་ཁམས་
པའི་བུ་མོ་ཞེས་པའི་བྱ་དགའ་ཨང་དང་པོ་བླངས།  2001ལོའི་ཟླ4བའི་ནང་ཁོ་མོའི་གླུ་དབྱངས་ཐོག་
མ་བསོད་ནམས་ཡར་འགྲོ་ལགསཞེས་པ་དངོས་སུ་འགྲེམ་སྤེལ་བྱས།  གླུ་དབྱང་དེ་ནི་དུས་ཀྱི་དགོངས་
དོན་དང་ཉེ་བར་འཚམ་ཞིང་།    ན་ཆུང་བུ་མོའི་ཆགས་ཞེན་གྱི་མཛེས་པ་ཡོད་ཚད་ལང་ཚོའི་གསོན་
ཤུགས་ཀྱིས་མངོན་དགོས་པའི་གནས་ལུགས་ལ་བརྩི་བཀུར་དང་བདེན་ཁ་བྱིན་ཡོད་པ་རེད། དེའི་ཕྱིར་
གླུ་དབྱངས་དེ་ནི་བོད་ཁམས་ཡོངས་ལ་གྲགས་ཆེ་ཞིང་མཚན་སྙན་རྒྱས་པ་ཙམ་དུ་མ་ཟད།གླུ་དབྱངས
དེའི་འོད་ཀྱི་མཐོ་རླབས་རེ་རེས་རི་བོ་ཧི་མ་ལ་ཡི་འགག་ཕྲེང་བརྟོལ་ནས།ཕྱི་བཞུགས་སྤུན་ཟླ་མང་པོར་
བསྐྱར་གསོན་ཐེངས་ཤིག་རེ་བའི་སྤོབས་པ་རབ་ཏུ་བསྕལ་མྱོང་།   2001ལོའི་ཟླ8པར་ཁོ་མོས་རྒྱལ་
ཡོངས་མིང་གྲགས་ཆེ་བའིམཐོ་སྒང་བུ་མོ་སྤུན་གསུམ་ཞེས་པའི་སྒྱུ་རྩལ་ཚོགས་པ་ཞིག་གསར་ཏུ་བཙུགས། 
དེ་ནས་རིམ་བཞིན་ཀྲུང་གོའི་ཀྲུང་དབྱང་བརྙན་འཕྲིན་ཁང་དང་། བོད་ལྗོངས་བརྙན་འཕྲིན་ཁང་། 
མཚོ་སྔོན་བརྙན་འཕྲིན་ཁང་བཅས་ཀྱིས་སྒྲུབ་པའི་ལོ་གསར་དགོང་ཚོགས་ལ་ཐེངས་དུ་མར་ཞུགས་པ་
མ་ཟད། ཀྲུང་དབྱང་བརྙན་འཕྲིན་ཁང་གི་གཅིག་སེམས་གཅིག་སྦྲེལ་གྱི་ལེ་ཚན་སོགས་སུ་ཞུགས།འདི་ནི་
བོད་གྱི་གླུ་དབྱངས་སྒྱུ་རྩལ་དེ། རྒྱལ་སྤྱིའི་རང་བཞིན་ཅན་དུ་གོམ་པ་སྤོ་བའི་ཐད་ལ་གྲུབ་འབྲས་མི་དམན་
པ་བླངས་ཡོད་པའི་གླུ་མ་ཚེ་དབང་ལྷ་མོའི་ལོ་རྒྱུས་ལ་རྗེས་ལོན་མདོ་ཙམ་བྱས་པ་ལེགས།